cover

知足 - 图腾信仰乐队

知足-图腾信仰乐队.mp3
作词 : 白玛旦增 作曲 : NAMCHAK索尼 ཆོག་ཤེས། ཚིག པ...
作词 : 白玛旦增
作曲 : NAMCHAK索尼
ཆོག་ཤེས།

ཚིག པདྨ་བསྟན་འཛིན།
གདངས། གནམ་ལྕགས་བསོད་ནམས་ཉི་མ།
ལེན་མཁན། བླ་དད་རོལ་ཚོགས།

གོམ་པ་རེ་རེ་བྱས་ནས་ལམ་བུའི་སྟེང་ལ་སྤོས།
གླུ་གཞས་རེ་རེ་བྱས་ནས་སེམས་པའི་གཏིང་ནས་བཏང་།
ཉིན་མོ་རེ་རེ་བྱས་ནས་སྙིང་པོ་ཡོད་པ་བསྐྱལ།
མིའི་མི་ཚེ་རིང་མིན་ཐུང་མིན་དེ་ལས་དགའ་བ་མེད།
ག་ལེ་ག་ལེར་ཕེབས།
རང་སོ་སོའི་ལམ་བུའི་སྟེང་གི་དཀའ་སྡུག་རེ་རེ་མྱོངས།
གཞན་ལ་སྨོན་དགོས་མེད།
རང་སོ་སོའི་ལམ་བུའི་སྟེང་གི་བདེ་སྐྱིད་རང་གིས་བཙལ།

རྒྱལ་ཕམ་ནི་གཙོ་བོ་མ་རེད།
བཟང་ངན་གཙོ་བོ་རེད།
ཐོབ་ཤོར་ནི་གཙོ་བོ་མ་རེད།
རྒྱུ་འབྲས་གཙོ་བོ་རེད།
མང་ཉུང་ནི་གཙོ་བོ་མ་རེད།
ཆོག་ཤེས་གཙོ་བོ་རེད།
དེ་ང་ཚོའི་མི་ཚེའི་ལྟ་བ་ཡིན།

ཕྱི་ཡི་ཟང་ཟིང་འཚོ་བས་ནང་གི་སེམས་པ་དཀྲུགས་པའི་དུས།
ཁྱེད་ཀྱིས་ཆོག་ཤེས་སེམས་ལ་ངེས་རོགས་གནང་།
འདོད་སེམས་ཧམ་སེམས་ཞེ་སྡང་ཕྲག་དོག་ཁྱེད་ཀྱི་སེམས་ནང་འཛུལ་བའི་སྐབས།
ཁྱེད་ཀྱིས་ཆོག་ཤེས་སེམས་ལ་ངེས་རོགས་གནང་།
展开