cover

亲爱的亲爱的 - 青龙组合

亲爱的亲爱的-青龙组合.mp3
作词 : 额日玛 作曲 : 青龙组合 ༼སྙིང་ཉེ། སྙིང་ཉེ།༽...
作词 : 额日玛
作曲 : 青龙组合
༼སྙིང་ཉེ། སྙིང་ཉེ།༽
亲爱的 亲爱的
ཚིག ངར་མ།
词 额日玛
དབྱངས། གཡུ་འབྲུག་ཚན་སྡེབ།
曲 青龙组合
གཞས་པ། གཡུ་འབྲུག་ཚན་སྡེབ།
演唱 青龙组合
༼གཏམ་རྒྱུད་ཀྱི་བྱུང་བ་ཇི་འདྲའི་མཛེས་ཀྱང མཐའ་མཇུག་གི་གནས་མལ་ནི་ཉི་ནུབ་དང་འཆི་འཕོ ཁེར་རྐྱང་ལས་གང་དུའང་གཡོལ་ཐབས་མེད༽
(无论故事的开始多么动人,最后的结局是日落与**,除了孤独无处能躲)
ཕྱི་རོལ་གྱི་ཁ་བ་འཁྱགས་ལ་རླུང་བུ་འཁྱགས
外面冰雪寒冷 风也冰冷
ལམ་འགྲོ་བ་ཚོའི་འཛུམ་མདངས་མེད་པའི་ངོ་གདོང་ཧ་ཅང་འཁྱགས
过路人那看不到笑容的面庞也很冷漠
ཁོ་ཚོས་ཟླ་ཕོགས་ཉུང་ཉུང་གིས་ཁང་རིན་མ་སོད་པས་ཡིན་ནམ
他们是不是因为可怜的薪水付不起房费
ཁོ་ཚོར་བདེ་སྐྱིད་ཆུང་ཆུང་གིས་ཡིད་སེམས་མ་ཚིམས་པས་ཡིན་ནམ
他们是不是因为小小幸福而不知足
སྡུག་བསྔལ་རིགས་ཤིག་སུ་དང་འབྲལ་ཐབས་བྲལ་ཡང འཚོ་འདོད་ཀྱི་འདུན་པས་ང་ཚོ་སྔུན་ནས་སྔུན་དུ་འཁྲིད
虽然无法远离痛苦 但生存的*望不断带领我们前进
ངས་ནམ་ཡང་ཁྱོད་ལ་རང་གི་གློ་ཁུག་སྟོང་བ་བསྟན་ནས་ང་རང་སྤྲང་བོ་ཡིན་མི་ཟེར
我时常把空钱夹亮给你但拒绝承认我是穷人
ངས་ནམ་ཡང་ཁྱོད་རང་གཏིང་བརྗེད་དུ་གྱུར་རྗེས་ཁྱོད་ལ་དགའ་མྱོང་ཞེས་མི་བཤད
我时常对你难以忘怀但我拒绝说我曾爱过你
ངས་ནམ་ཡང་ཁྱོད་ལ་རང་གི་རྨི་ལམ་སྟོང་བ་བསྟན་ནས་ང་རང་ཕྱུག་པོ་ཡིན་མི་ཟེར
我时常对你谈起缥缈的梦想但拒绝说我是富人
ངས་ནམ་ཡང་ཁྱོད་ལ་རང་གི་འཛུམ་མདངས་བཅོས་མ་བསྟན་ནས་ང་རང་སྐྱིད་པོ་ཡིན་མི་ཟེར
我时常向你露出虚假的笑容但拒绝说我很快乐
ང་ནི་གྲོང་ཁྱེར་ལ་མི་ལོབས་པའི་ཕག་པ་ཞིག་དང་འདྲ་བར་ཁྱོད་ཀྱི་གམ་ལ་ཐོན་དུས ཁྱོད་རང་འབྱུང་འགྱུར་ལ་རེ་བ་ཆད་འདུག
我像是一头不习惯于城市的猪来到你的跟前你已对未来绝望
ང་ནི་མི་ཚོགས་ལ་གཡོལ་བའི་རི་དྭགས་ཞིག་དང་འདྲ་བར་ཁྱོད་ཀྱི་གམ་ལ་ཐོན་དུས་ཁྱོད་རང་མི་ཚེ་འདིར་རེ་བ་ཆད་འདུག
我是一只躲闪人群的动物来到你身旁你已经对人生死心
ནད་གདོན་གྱིས་ཟིན་པའི་ཁྱོད་རང་རྨས་ཕོག་པའི་བྱེའུ་ཞིག་དང་འདྲ་བར
被魔占据心灵的你像一只受伤的鸟
སྨག་ནག་གི་མཚན་མོ་རེ་རེར
在一个个黑夜里
འཆི་བདག་གི་གཟེབ་ལ་ཡང་ཡང་གཡོལ
一次次逃避死神的魔掌
དེ་དུས་ང་ལ་སྙིང་བོ་ཡོད་ཚད་སྙིང་བོ་དང་བྲལ་ཅིང བདེ་སྐྱིད་མཐའ་དག་བདེ་སྐྱིད་མིན་པའི་སྣང་བ་སྐྱེས
那时我开始觉得所有的意义不再有意义 一切的幸福不再幸福
འོན་ཀྱང རེས་སྐྱིད་རེས་སྡུག་གི་འཚོ་བས འུ་གཉིས་ལ་ཀུ་རེ་ཐེངས་གཅིག་རྩེས་པའི་རྗེས་སུ
但是 半苦半乐的生活跟我们开了一场玩笑过后
ཁྱོད་རང་བདེ་ཐང་ངང་ཕྱིར་ལ་ལོག ད་ལྟ
你平安地归去 如今
འུ་གཉིས་ལ་རྨི་ལམ་གཞན་ཞིག་ཡོད་འོས་ཏེ
我们可以拥有另一个梦
འགྲོ་ལམའང་གཞན་ཞིག་ཡོད་འོས
也可以拥有另一条出路
བརྙན་འཕྲིན་གྱི་འུར་ཟིང་དང་གློག་འོད་ཀྱི་འདུ་འཛི་མཚམས་བཅད་དེ
断掉电视的吵闹和灯光的喧嚣
འུ་གཉིས་ཀྱིས་འཆར་གཞི་གཞན་ཞིག་བཟོ་བར་བྱ
我们开始另一种计划
སྙིང་ཉེ སྙིང་ཉེ སྙིང་ཉེ སྙིང་ཉེ
亲爱的 亲爱的 亲爱的 亲爱的
ནམ་ཞིག ང་རང་འགྱུར་སོང་ཚེ
什么时候 我已经变了
ང་རང་འགྱུར་སོང་བ་ཡིན
我是已经变了
ང་ཡི་འཚོ་བ་དང་དད་མོས་ཀྱང་འགྱུར་ཡོད་ངེས
我的生活和信仰也一定变了
ང་ཡི་རྨི་ལམ་དང་ཁ་ཕྱོགས་ཀྱང་འགྱུར་ངེས
我的梦和方向也一定变了
འོན་ཀྱང ད་ལྟ་ང་རང་སྔར་བཞིན་ད་ལྟའི་ང་རང་ལ་དགའ
但是 现在我依旧深爱着现在的我
ང་ཡིས་ཁོ་ཚོ་དང་འགྲོགས་ནས་སྐྱག་རྫུན་མ་བཤད་པས་ཁྱོད་ཀྱང་ང་ལ་དགའ་ཆོག
我没有跟他们同流合污 你也可以爱上我
ང་ཡིས་ཁོ་ཚོ་དང་བསྡེབས་ནས་ལག་ངན་མ་བྱས་པས་ཁྱོད་ཀྱང་ང་ལ་དགའ་ཆོག
我没有跟他们干过坏事 你也可以爱上我
ཁོ་ཚོས་ཚོང་བ་བྱས་ཏེ
他们成了商人
བརྩེ་དུང་དང་ལྷག་བསམ་ཚོང་རྫས་སུ་བྱེད
把感情和忠诚当成商品
ཁོ་ཚོས་དགེ་རྒན་བྱས་ཏེ
他们成了教师
ལྕགས་ཚན་དང་མེ་མདའ་བཟུང་ནས
手执鞭子和**
འདི་སློབས གན་མ་སློབ་ཟེར
命令着学习这个放弃那个
ཁོ་ཚོས་ཤན་འབྱེད་པ་བྱས་ཏེ
他们成了裁判
རང་གི་ནོར་འཕྱུག་ལ་ནམ་ཡང་དགོངས་དག་ཞུ་མ་མྱོང
但从未对自己的过失而感到愧疚
བསམ་གཞིག་གི་པང་ལ་མགོ་བོ་བཞག་ཚེ
埋头深深地思考时
མངོན་སུམ་གྱི་གདོང་ལ་སྤར་འབྲད་ཐེངས་གཅིག་བྱ་འདོད
真想在现实的脸上留下血红的**
༼གཏམ་རྒྱུད་ཀྱི་བྱུང་བ་ཇི་འདྲའི་མཛེས་ཀྱང མཐའ་མཇུག་གི་གནས་མལ་ནི་ཉི་ནུབ་དང་འཆི་འཕོ ཁེར་རྐྱང་ལས་གང་དུའང་གཡོལ་ཐབས་མེད༽
(无论故事的开始多么动人,最后的结局是日落与**,除了孤独无处能躲)
འཇིག་རྟེན་གྱི་མགྲོན་དུ་བག་གསར་བཞིན་སླེབས་པའི་ཐོག་མ་ནས་བཟུང
当犹如一个新郎来带这个世界的开始起
ང་ཡི་ཐོག་རེག་གི་ཡུལ་དུ་འགྱུར་བའི་བྱ་དངོས་གང་ཡིན་ཚང་མ་ཆ་མེད་རྒྱུས་མེད་ཀྱི་སྣང་བའི་ཁྲོད་དུ་ཡོད་དེ
在我**不及的高处任何事物都在无从得知的感觉中
གང་ཞིག་ནི་འགད་རྫས་དང་གང་ཞིག་ནི་བྱེ་ཚན་ཡིན་པའི་དབྱེ་བ་ཇི་ལྟར་ཡང་འབྱེད་ཐབས་ཟད
哪个是炸药哪个是沙子却怎么样也分辨不清楚
ད་ལྟའི་དུས་སུའང ཐག་གཅོད་དང་གདམ་ག་མང་པོའི་མདུན་དུ
就算现在也在很多决定和选择面前
ང་རང་ཅི་བྱ་གཏོལ་མེད་དུ་གྱུར་ནས
我变得茫然失措
ལྷག་བསམ་གྱི་ཚབ་ཏུ་བཟོ་བཅོས་དངའཇིགས་སྐྲག་གི་ཚབ་ཏུ་དྲག་ཤུལ་མི་མངོན་ཀ་མེད་དུ་སོང
迫不得已用改正代替忠诚和暴力代替恐惧
འོན་ཀྱང ཁྱོད་རང་འགྱོད་པ་སྐྱེས་དགོས་དོན་མེད་དེ ང་ཡི་རྨི་ལམ་གྱི་ཁོངས་སུ་རྨི་ལམ་སྦས་ཡོད
可是 你无需懊悔 我的梦中深埋的还是梦
ང་ཡི་འབྲི་ཤོག་གི་བར་དུ་ཁྱོད་ལ་དབང་བའི་འཛུབ་དཀྲིས་སྐུང་ཡོད
在我书写的纸张间藏着属于你的戒指
སྙིང་ཉེ སྙིང་ཉེ སྙིང་ཉེ སྙིང་ཉེ
亲爱的 亲爱的 亲爱的 亲爱的
ང་ནི་ཁྱོད་ཀྱི་མཚན་མོའི་འོད་ཡིན ཉིན་མོའི་དྲོད་ཡིན
我是你的夜光 白天的日光
ང་ནི་སྨྲ་བ་མེད་པའི་འཕྲུལ་ཆས་ཀྱི་མི་དེ་ཡིན
我是那个不会言语的机器人
ང་ཡིས་ཁྱོད་རང་དགོད་དུ་འཇུག་འདོད
我想让你开怀大笑
ང་ཡིས་ཁྱོད་རང་སྐྱིད་དུ་འཇུག་འདོད
我想让你感到幸福
འུ་གཉིས་བར་ལ་ཁ་ཡག་དང་ངོ་བསྟོད་ཀྱིས་ཅི་བྱ
我们之间不需要恭维和赞美
འུ་གཉིས་བར་ལ་དོགས་པ་དང་འདྲི་གཞི་ཡིས་ཅི་བྱ
我们之间不需要怀疑和顾虑
ཕྱོགས་བཞི་མཚམས་བརྒྱད་དུ་བསྲིངས་པའི་སུན་སྣང་གི་ཡལ་ག་དུམ་བུར་བཅད་ནས
剪断从四面八方延伸而来的烦恼
བདེ་སྐྱིད་ཀྱི་ཆེད་དུ
为了幸福
ལམ་ཡིག་ཅིག་བཟོ་ཆོག
可以做一件***
སང་ཉིན་ཀྱི་ཆེད་དུ
为了明天
སྙིང་ཕུར་བརྡབ་ཆོག
可以刻骨铭心
འུ་གཉིས་ཀྱིས་གློག་འོད་མེད་པའི་མཚན་མོ་ཞིག་ཕར་ལ་བསྐྱལ་བས
我们送走一个没有灯光的夜晚
སྐྱ་མདའ་བཀྱག་དུས
拂晓时分
ཉི་འོད་ལ་བསྒུག་ཆོག
等待阳光普照
展开