cover

香丽扎西色多 - 南措卓玛

香丽扎西色多-南措卓玛.mp3
作词 : 伟多却江 作曲 : 民间 ཞིང་གླུ་བཀྲ་ཤིས་གསེར་མ...
作词 : 伟多却江
作曲 : 民间
ཞིང་གླུ་བཀྲ་ཤིས་གསེར་མདོག
香啦扎西色多的
ཞིང་གླུ་བཀྲ་ཤིས་གསེར་མདོག་འདི།།
དོག་མོ་ས་ཡི་གཞུང་ལ་ལེན།།
ས་ལ་སད་བཅུད་འཛོམས་པ་ཡི།།
རིན་ཆེན་སྣ་ལྔའི་མཛོད་ལ་ལེན།།

ཞིང་གླུ་བཀྲ་ཤིས་གསེར་མདོག་འདི།།
ཨ་སྔོན་མཐོན་པོའི་གཞུང་ལ་ལེན།།
སྦྲིན་ལ་ཆར་ཆུ་འཁྲུངས་བ་ཡི།།
འཇའ་ཚོན་སྣ་ལྔའི་མཛོད་ལ་ལེན།།

ཞིང་གླུ་བཀྲ་ཤིས་གསེར་མདོག་འདི།།
འབྱུང་བ་བཞི་ཡི་ཁམས་ལ་ལེན།།
ས་ལ་ས་བོན་བཏབ་པ་ཡི།།
རེ་བ་སྣ་ལྔའི་མཛོད་ལ་ལེན།།

ཞིང་གླུ་བཀྲ་ཤིས་གསེར་མདོག་འདི།།
གཡང་ཁྱིམ་ཚང་གི་མི་ལ་ལེན།།
ཞིང་ལ་རྔུལ་ཆུ་གཏོར་བ་ཡི།།
འབྲུ་རིགས་སྣ་ལྔའི་མཛོད་ལ་ལེན།།
展开