cover

朗卡拉姆(翻自 亚东) - XNC.Studio录音棚

朗卡拉姆(翻自 亚东)-XNC.Studio录音棚.mp3
作词 : 民间 作曲 : 民间 原唱:亚东 翻唱:多杰久梅...
作词 : 民间
作曲 : 民间
原唱:亚东
翻唱:多杰久梅
录音/混音/母带:1030Studio
ནམ་མཁའི་ལྷ་མོ
ལུང་ཆུང་མཛེས་སྡུག་ལྡན་པའི།
གངས་རི་ཞིང་ཁམས་ལ།
འཇའ་ཚོན་འོད་ཀྱི་གུར་ཁང་ན།
གསེར་ཁྲི་པདྨའི་སྟེང་ལ།
ནམ་མཁའི་ལྷ་མོ་བཞུགས་ཡོད།
ཞལ་རས་པདྨའི་འཛུམ་མདངས།
ཀུན་ལ་བྱམས་སེམས་ཆེ་བ།
ནམ་མཁའི་ལྷ་མོ།
ཨོའོ། ནམ་མཁའི་ལྷ་མོ་ལོའོ།
ཀུན་ལ་བྱམས་སེམས་ཆེ་བ།
ནམ་མཁའི་ལྷ་མོ་བཞུགས་ཡོད།
མཛེས་སྡུག་ཡིད་དབང་འཕྲོག་པའི།
གངས་རིའི་ཞིང་ཁམས་ན།
འཇའ་ཚོན་འོད་ཀྱི་གུར་ཁང་ན།
མཛེས་པའི་མེ་ཏོག་ས་བོན།
ཡུལ་ལུང་འདི་རུ་བཀྲམ་བྱུང་།
མེ་ཏོག་བཞད་ཁ་ཕྱེ་སོང་།
ཡུལ་ལ་བདེ་སྐྱིད་བྱུང་སོང་།
ནམ་མཁའི་ལྷ་མོ།
ཨོའོ། ནམ་མཁའི་ལྷ་མོ་ལོའོ།
ཡུལ་ལ་བདེ་སྐྱིད་བྱུང་སོང་།
ནམ་མཁའི་ལྷ་མོ་བཞུགས་ཡོད།
ཨོའོ། ནམ་མཁའི་ལྷ་མོ་ལོའོ།
ཡུལ་ལ་བདེ་སྐྱིད་བྱུང་སོང་།
ནམ་མཁའི་ལྷ་མོ་བཞུགས་ཡོད།
ལྷ་མོ་བཞུགས་ཡོད།
展开