cover

《神奇的当雄》 - 昂次仁

《神奇的当雄》-昂次仁.mp3
[00:00.000] 作词 : 昂次仁 [00:01.000] 作曲 : 贡嘎...
[00:00.000] 作词 : 昂次仁
[00:01.000] 作曲 : 贡嘎南杰/昂次仁
[00:05.684]བལྟ་ཞིབ། ཀུན་དགའ་རྣམ་རྒྱལ།
[00:25.933]ཁ་བཤད། པད་མ་ཆོས་སྐྱིད།
[00:30.937]
[00:33.932]ཆར་པ་སིམ་སིམ་ཁྲོད་ནས།
[00:36.183]འདམ་གཞུང་རྩྭ་ཐང་སླེབས་སོང་།
[00:38.691]འདམ་གཞུང་རྩྭ་ཐང་ཡོངས་ལ།
[00:40.934]རྟ་ནོར་ལུག་གི་ཁེངས་གདའ།
[00:43.442]སྨུག་པ་ལང་ལོང་ཁྲོད་ནས་འུར་རྡོ་གནམ་ལ་བསྐོར་བའི།།
[00:47.934]ཆུ་མིག་དགུ་སྒྲིལ་ནང་ལ་མེས་པོའི་རྣམ་ཤེས་འཁོར་གདའ།
[00:53.937]ཨ་རོགས་ཚོ། ཨ་རོགས་ཚོ།།
[00:59.939]རྟ་ནོར་ལུག་གསུམ་འཛོམས་པའི་ཕ་ཡུལ་འདི།།
[01:04.432]མི་འཇིགས་རྒྱུན་དུ་གནས་པའི་བཀྲ་ཤིས་ཤོག།
[01:09.190]འདམ་གཞུང་གི་རྩྭ་ཐང་།
[01:10.189]ང་འཚར་ལོངས་བྱུང་སའི་ས་ཆ།
[01:11.687]དྭངས་གཙང་གི་སེམས་འདི་ནི།
[01:12.685]དེ་ལས་ཐོབ་པའི་བསླབ་བྱ།
[01:13.941]ངའི་མཛེས་པའི་ཕ་ཡུལ་འདམ་གཞུང་།
[01:15.181]བོད་ཁ་བ་ཅན་གྱི་མཛེས་རྒྱན།
[01:16.436]ཡུལ་གང་ས་གང་དུ་སོང་ཡང་།
[01:17.689]བརྗེད་མི་སྲིད་ང་ཡི་ཕ་ཡུལ།
[01:18.687]མཐའ་ན་མེད་པའི་རྩྭ་ཐང་སྟེང་དུ།
[01:19.931]ང་གཉིས་མཉམ་དུ་ལག་གདངས་སྒྲིལ་ནས།
[01:20.942]སེམས་ནང་གི་གསང་བ་དེ་དག།
[01:22.181]མཛེས་པར་གནམ་མཚོ་ཕྱུག་མོར་བཤད་ཡོད།
[01:23.438]དྭངས་གཙང་གི་ཕུགས་བསམ་དེ་ཡང་།
[01:24.436]རི་བོ་གཉན་ཆེན་ཐང་ལྷར་བཅོལ་ཡོད།
[01:25.689]བརྗིད་ཆགས་པའི་ཕ་ཡུལ་འདི་ནས།
[01:26.686]གཤོག་རྩལ་རྒྱས་པའི་རེ་བ་བཅངས་ཡོད།
[01:56.433]སེམས་པ་དགའ་སྤྲོའི་ནང་ནས།
[01:58.441]འདམ་གཞུང་རྩྭ་ཐང་སླེབས་སོང་།
[02:01.191]འདམ་གཞུང་རྩྭ་ཐང་ཡོངས་ལ།
[02:03.188]འབྲོག་མོའི་གླུ་སྒྲས་ཁེངས་གདའ།
[02:05.686]ཨ་ཅེ་འབྲོག་མོའི་དབྱངས་རྟ་རེ་རེའི་ནང་ལ།
[02:10.434]དྲིན་ཆེན་ཨ་མ་ལོ་ལོའི་གཤིས་ཀ་བཟང་པོ་འཁོར་གདའ།
[02:16.438]ཨ་རོགས་ཚོ། ཨ་རོགས་ཚོ།།
[02:22.183]སེམས་ཀྱི་ཞིང་ཁམས་འདམ་ཤོད་དཀར་མོ་འདི།
[02:26.687]བཀྲ་ཤིས་རྟགས་བརྒྱད་འཛོམས་པའི་ཆ་གཡང་འཁོར།
[02:31.437]ཨ་རོགས་ཚོ། ཨ་རོགས་ཚོ།།
[02:37.439]སེམས་ཀྱི་ཞིང་ཁམས་འདམ་ཤོད་དཀར་མོ་འདི།
[02:41.932]བཀྲ་ཤིས་རྟགས་བརྒྱད་འཛོམས་པའི་ཆ་གཡང་འཁོར།
[02:46.937]བཀྲ་ཤིས་རྟགས་བརྒྱད་འཛོམས་པའི་ཆ་གཡང་འཁོར།
展开