cover

家园--果洛尖参 - 果洛尖参

家园--果洛尖参-果洛尖参.mp3
作词 : 科旦 作曲 : 索南智巴 རང་ཁྱིམ། 家园 ཚིག ཁོ་བ...
作词 : 科旦
作曲 : 索南智巴
རང་ཁྱིམ།
家园
ཚིག ཁོ་བསྟན།
词: 科旦
དབྱངས།བསོད་ནམས་གྲགས་པ།
曲:索南智巴
གཞས་པ། མགོ་ལོག་རྒྱལ་མཚན།
演唱:果洛尖参
གནམ་ལ་ཟུག་པའི་གངས་རི་དཀར་པོ་དེ།།
白皑皑的参天雪峰,
ཁྱོད་དང་ང་ཡི་འགྱུར་མེད་རང་གཤིས་ཡིན།།
是你我不变的天性。
གངས་ནས་བབས་པའི་གཙང་ཆབ་སྔོན་མོ་དེ།།
那雪山流淌的圣水,
ང་དང་ཁྱེད་ཀྱི་བརྩེ་བ་རིང་མོ་ཡིན།།
是你我永恒的情意。
ཨོ་ཧོ་་་་་་་གངས་རི་ལགས།
啊~~~~`雪山啊!
ང་དང་ཁྱོད་ཀྱི་ཕྱི་ནང་འདི་ཡིས་མཚོན།།
这象征着你我的全部。

བརྗིད་ཆགས་ལྷུན་པོ་ཕོ་བྲང་དམར་པོ་དེ།།
雄伟壮丽的红宫殿,
ཁྱོད་དང་ང་ཡི་རེ་བའི་རྡོ་རིང་ཡིན།།
是你我的希望之碑。
ལྷུན་པོའི་འདབས་ཀྱི་མི་ཚོགས་སྟུག་པོ་དེ།།
林荫下的人山人海,
རྡོ་རིང་དེ་ལ་འཐམས་པའི་རྣམ་ཤེས་ཡིན།།
守护那石碑的灵魂。

ཨོ་ཧོ་་་་་་་ཕོ་བྲང་ལགས།
啊~~~~宫殿啊!
ང་དང་ཁྱེད་ཀྱི་སེམས་པ་འདི་ཡིས་མཚོན།།
这象征着你我的心绪。


སྨུག་ཆུང་སྦྲ་ནག་ཡངས་པོར་བཀྱེད་པ་དེ།།
薄雾弥漫的黑帐篷,
ཁྱོད་དང་ང་ཡི་ཕ་ཁྱིམ་དྲོན་མོ་ཡིན།།
是你我温馨的家园。
སྦྲ་ནག་འདབས་ཀྱི་རྟ་ནོར་ལུག་གསུམ་དེ།།
帐篷下的牛羊马群,
ང་དང་ཁྱོད་ཀྱི་འཚོ་བའི་སྲབ་མཐུག་ཡིན།།
是你我生活的品质。
ཨོ་ཧོ......སྦྲ་ཆུང་ལགས།།
啊~~~~ 帐篷啊!
ང་དང་ཁྱོད་ཀྱི་འཚོ་བ་འདི་ཡིས་མཚོན།།
这象征着你我的生活。
展开