cover

光与影的故事 - 桑贝德吉

光与影的故事-桑贝德吉.mp3
[00:00.0]光与影的故事 - 桑贝德吉 [00:03.3]词:多智...
[00:00.0]光与影的故事 - 桑贝德吉
[00:03.3]词:多智合
[00:04.34]曲:那那
[00:45.24]འོད་ཟེར་སྣ་ལྔ།
[00:48.46]ཉི་ཟླའི་གུར་ཁྱིམ་ནས་འཕྲོས་པས།
[00:52.45]བར་སྣང་ཁམས་ལ།
[00:55.56]མཐོན་པོ་རི་ཡི་གཟུགས་བརྙན་ཕབ།
[00:59.75]འོད་ཟེར་སྣ་ལྔ།
[01:03.28]གངས་རིའི་ཡང་རྩེ་ནས་འཕྲོས་པས།
[01:07.29]དོག་མོ་ས་ལ།
[01:10.64]གཙང་ཆབ་སྔོན་མོའི་གཟུགས་རིས་ཕབ།
[01:18.51]ཨ། རི་ནི་ཤོག་དཀར་ཡིན་པས།
[01:25.72]གྱེན་དུ་བསླངས་ཀྱང་བསླངས་ཆོག
[01:29.62]སྤང་ནི་མེ་ལོང་ཡིན་པས།
[01:33.2]མདུན་དུ་བཀྲམ་ཀྱང་བཀྲམ་ཆོག
[01:36.990005]ཆུ་ནི་སྣག་ཚ་ཡིན་པས།
[01:40.39]གང་སར་བཞུར་ཀྱང་བཞུར་སོང་།
[01:48.79]ཨ། དཀར་པོ་འོད་ཀྱི་འཇིག་རྟེན་ནས།
[01:56.16]སྣ་ཚོགས་འོད་ཀྱི་གཏམ་རྒྱུད་འབྲི།
[02:02.94]སེར་པོ་འོད་ཀྱི་ཞིང་ཁམས་ནས།
[02:08.08]སྣ་ཚོགས་གཟུགས་ཀྱི་གཏམ་རྒྱུད་འབྲི།
[02:12.89]འོད་ཟེར་སྣ་ལྔ།
[02:56.45999]སེམས་ཀྱི་གཏིང་རིམ་ནས་འཕྲོས་པས།
[03:03.45]བར་སྣང་ཁམས་ལ།
[03:06.45]དཀར་པོ་སྤྲིན་གྱི་གཟུགས་རིས་ཕབ།
[03:11.02]འོད་ཟེར་སྣ་ལྔ།
[03:14.1]མིག་གི་རྒྱལ་མོ་ནས་འཕྲོས་པས།
[03:20.87]ས་ཆེན་ཡོངས་ལ།
[03:29.63]བྲོ་དང་གར་གྱི་གཟུགས་རིས་བྲིས།
[03:38.94]ཨ། གནམ་ནི་མེ་ལོང་ཡིན་པས།
[03:44.45]ཇི་འདྲ་ཆེ་ཡང་ཆེ་ཆོག
[03:47.64]རླུང་ནི་ཚོར་བ་ཡིན་པས།
[03:51.4]གང་སར་ལྡིང་ཀྱང་ལྡིང་ཆོག
[03:59.36]སྤྲིན་ནི་སྣག་ཚ་ཡིན་པས།
[04:06.6]ཅི་ཞིག་བྲིས་ཀྱང་བྲིས་ཆོག
[04:11.2]ཨ། ཨ་སྔོན་གནམ་གྱི་མེ་ལོང་ལ།
[04:18.46]དཀར་པོ་འོད་ཀྱི་གཏམ་རྒྱུད་འབྲི།
[04:31.55]དོག་མོ་ས་ཡི་མེ་ལོང་ལ།
[04:42.53]འགྲོ་བ་མི་ཡི་གཏམ་རྒྱུད་འབྲི།
展开