cover

谢忠吉 民歌 - 占吉多杰

谢忠吉 民歌-占吉多杰.mp3
作词 : 占吉多杰 作曲 : 占吉多杰 编曲 : 占吉多杰 འབ...
作词 : 占吉多杰
作曲 : 占吉多杰
编曲 : 占吉多杰
འབྲོང་རུ་དམར་རྫ་ལ་ཐོན་རུང་རེད།།
རྩྭ་རམ་དཀར་ཁ་ལ་རེག་རུང་རེད།།
རྩྭ་རམ་དཀར་ཟོས་ཡ་དལ་མོ་བྱོས།།
དལ་མོར་བྱོས་དང་ཡུན་གྱིས་གཤར།།
རྟ་འདོ་བ་སྤང་ལ་ཐོན་རུང་རེད།།
སྒ་བེ་སང་རྒྱབ་ལ་བསྟད་རུང་རེད།།
རྒྱུག་གོམ་པ་ཡོད་ན་དལ་མོ་བྱོས།།
དལ་མོར་བྱོས་དང་ཡུན་གྱིས་རྒྱུག།།
ཕ་ཨ་ཁུ་གྲལ་ལ་འཚོགས་རུང་རེད།།
ཆང་བདུད་རྩི་ཁ་ལ་རེག་རུང་རེད།།
ཆང་བདུད་རྩི་བཞེས་ཡ་དལ་མོ་བྱོས།།
དལ་མོར་བྱོས་དང་ཡུན་གྱིས་རྩེད།།
དལ་མོར་བྱོས་དང་ཡུན་གྱིས་རྩེད།།
展开